关于征集林芝市2027年民生实事建议
致全市人民的公开信

广大市民朋友们、关心支持林芝发展的各族各界人士:

大家好!群众身边的事,就是政府的心头事。近年来,市委、市政府时刻牢记习近平总书记“创造更加幸福美好的生活”殷殷嘱托,始终坚持把人民群众安危冷暖放在心上,用心用情办好民生实事,全力解决了一批大家身边的急难愁盼问题。

刚刚胜利闭幕的党的二十届五中全会,再次号召我们加强普惠性、基础性、兜底性民生建设。走好新的长征路,我们将牢记领袖嘱托,按照自治区党委、政府持续提升群众获得感、幸福感、安全感的部署要求,瞄准市第三次党代会描绘的奋斗目标,坚持把改善民生、凝聚人心作为经济社会发展的出发点和落脚点,主动顺应人民群众对美好生活的新期待、新要求,以更坚决的态度、更有力的行动、更务实的举措,千方百计办好千家万户的事。

保障和改善民生没有终点,只有连续不断的新起点。为谋划好2027年民生实事项目,使每一项实事更贴民心、更有实效、更具品质,现面向全社会征集意见建议,无论是您关心的就业增收暖心事、交通出行顺心事、公共服务贴心事,还是您关注的城乡建设称心事、基础保障安心事、文化乐享开心事,只要是您最期盼、最需要市委、市政府办好的民生事项,我们都将认真梳理、科学谋划,结合市情实际确定2027年民生实事项目,找准最大公约数,说一件、做一件、成一件,切实把大家的“需求清单”转化为政府的“履职清单”,兑现为各族群众的“幸福账单”。

感谢大家对政府工作的理解和支持!

祝愿全市人民身体健康、工作顺利、阖家幸福、扎西德勒!

林芝市人民政府市长

2026年11月12日

关于征集林芝市2027年民生实事建议

一、征集时间:

自发布之日起至12月15日

二、征集内容:

围绕就业创业、教育助学、医疗卫生、社会保障、养老帮困、关爱儿童、食药安全、城乡宜居、交通出行、文化体育、便民服务、城乡共富等民生领域提出建议。

三、征集方式:

1.微信公众号:通过“林芝发布”微信公众号进行网上留言。

2.政府门户网站:通过登录林芝市人民政府门户网站民生实事征集专栏进行建言。

3.基层群众可以通过社区和乡村干部逐级提出意见建议。

ཉིང་ཁྲི་གྲོང་ཁྱེར་གྱི་༢༠༢༧ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་གྲོས་འགོ་བསྡུ་རྒྱུའི་སྐོར་གྱི་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་སྤྲིངས་པའི་ཡོངས་བསྒྲགས་ཡི་གེ

རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམ་པ་དང་། ཉིང་ཁྲིའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་རྣམ་པ།

ལྷན་རྒྱས་སྐུ་ཁམས་བཟང་། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ནི་སྲིད་གཞུང་གི་སེམས་ནང་གི་ལས་དོན་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི”མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྩེ་སེམས་ཆེན་པོས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་ཚང་མའི་ཉེ་འགྲམ་གྱི་སེམས་ཁྲལ་དང་སེམས་ཁྲལ་གྱི་གནད་དོན་ཁག་གཅིག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད།

རྒྱལ་ཁའི་ངང་གྲོལ་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས། ང་ཚོར་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བསྐྱར་དུ་བྱས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་བཏོན་པའི་འབད་འཐབ་དམིགས་ཚད་ལ་དམིགས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་རང་འགུལ་ངང་བསྟུན་ཏེ། དེ་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་། དེ་བས་ནུས་ལྡན་གྱི་བྱ་སྤྱོད། དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་བཅས་ཀྱི་ཐོག་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བྱ་བ་ཡག་པོ་སྒྲུབ་རྒྱུ་ཡིན།

དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་རྒྱུན་ཆད་མེད་པའི་འགོ་འཛུགས་ས་གསར་པ་ཞིག་ཡིན། ༢༠༢༧ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་འཆར་འགོད་ཡག་པོ་བྱས་ཏེ། བྱ་བ་དངོས་རེ་ཚང་མ་དེ་བས་དམངས་སེམས་དང་མཐུན་པ་དང་། དེ་བས་ཕན་འབྲས་ཆེ་བ། དེ་བས་གཤིས་རྒྱུད་དང་མཐུན་པ་བཅས་བྱ་ཆེད། ད་ཆ་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ། ཁྱེད་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་འབབ་འཕར་གྱི་སེམས་ཁྲལ་དང་། འགྲིམ་འགྲུལ་འགྲོ་འོང་གི་སེམས་ཁྲལ། སྤྱི་པའི་ཞབས་ཞུའི་སྙིང་ཉེ་བའི་དོན་དག་བཅས་ཡིན་ནའང་འདྲ། ཡང་ན་ཁྱེད་ཀྱིས་དོ་ཁུར་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་སེམས་ཁྲལ་དང་། རྨང་གཞི་འགན་ལེན་གྱི་སེམས་ནང་གི་བྱ་བ། རིག་གནས་ལོངས་སྤྱོད་ཀྱི་སྤྲོ་སྣང་འཕེལ་བའི་བྱ་བ་བཅས་གང་ལྟར་ཁྱེད་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡག་པོ་གཉེར་དགོས་པའི་དམངས་འཚོའི་བྱ་བ་ཞིག་ཡིན་ཕྱིན། ང་ཚོས་ནན་ཏན་ངང་གསེད་བཀྲོལ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་༢༠༢༧ལོའི་དམངས་འཚོའི་བྱ་བ་དངོས་གཏན་འཁེལ་བྱས་ནས། ལས་དོན་ཚང་མ་ཡག་པོ་སྒྲུབ་རྒྱུ་ཡིན་ལ། “དགོས་མཁོའི་གསལ་ཐོ”དེ་སྲིད་གཞུང་གི“འགན་སྒྲུབ་གསལ་ཐོར”བསྒྱུར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་རྩིས་ཁྲ”ཞིག་ཏུ་ཆགས་པ་བྱེད་རྒྱུ་ཡིན།

ཚང་མས་སྲིད་གཞུང་གི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི།

༢༠༢༧ལོའི་ཟླ་༡༡ཚེས་༡༢ཉིན

ཉིང་ཁྲི་གྲོང་ཁྱེར་གྱི་༢༠༢༧ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་གྲོས་འགོ་བསྡུ་རྒྱུའི་སྐོར།

གཅིག བསྡུ་རྒྱུའི་དུས་ཚོད།

ཁྱབ་བསྒྲགས་བྱས་ཉིན་ནས་ཟླ་༡༢ཚེས་༡༥ཉིན་བར།

གཉིས། བསྡུ་རྒྱུའི་ནང་དོན།

ལས་ཞུགས་ལས་གཏོད་དང་། སློབ་གསོའི་སློབ་སྐྱོར། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ་དཀའ་སེལ། བྱིས་པར་གཅེས་སྐྱོང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདེ་སྡོད་དང་འཚམ་པ། འགྲིམ་འགྲུལ་ཕྱོགས་ཐོན། རིག་གནས་ལུས་རྩལ། དམངས་ཕན་ཞབས་ཞུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་ཕྱུག་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་གྲོས་འགོ་བཏོན་རྒྱུ།

གསུམ། བསྡུ་བའི་ཐབས་ལམ།

༡.འཕྲིན་ཕྲན་སྤྱི་སྟེགས་ཨང་རྟགས། “ཉིང་ཁྲིར་ཁྱབ་བསྒྲགས” འཕྲིན་ཕྲན་སྤྱི་སྟེགས་ཨང་རྟགས་བརྒྱུད་དྲ་ཐོག་ནས་ལན་འཇོག

༢.སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་ཐོག་དམངས་འཚོའི་བྱ་བ་དངོས་བསྡུ་བའི་ཆེད་སྒྲིག་ལེ་ཚན་ཐོ་འགོད་བྱས་ནས་གྲོས་འགོ་འདོན་རྒྱུ།

༣.གཞི་རིམ་མང་ཚོགས་ཀྱིས་སྡེ་ཁུལ་དང་ཤང་གྲོང་ལས་བྱེད་པ་བརྒྱུད་ནས་རིམ་པ་བཞིན་བསམ་འཆར་དང་གྲོས་འགོ་བཏོན་ཆོག

*请点击选择意见建议类别
提交留言